༄༅། །མཁར་སིལ་གྱི་མཚོན་དོན་བཀའ་གདམས་གླེགས་བམ་ལས་ཟུར་དུ་བཀོལ་བ་བཞུགས་སོ། །ང་་ [001B] །མཁར་སིལ་གྱི་མཚོན་དོན་བཀའ་གདམས་གླེགས་བམ་ལས་ཟུར་དུ་བཀོལ་བ་ལ། འབྲོམ་སྟོན་རིན་པོ་ཆེས་ཞུས་པ་ནི་ བཞུགས་གནས་སྙེ་ཐང་འོར་དུ་ན། །ལས་ཅན་ཨུ་པ་སི་ཀ་ཡིས། །ཇོ་བོ་རྗེ་ལ་འདི་སྐད་ཞུས། །བློ་ལྡན་བླ་མ་དགོངས་སུ་གསོལ། ། མདུད་བ་གཅིག་དང་དུ་མ་བུ་གསུམ། །བར་ཤིང་བསོམ་དང་སྨད་ཞོགས་བདུན། །སྟོད་ཞོགས་བརྒྱད་དང་རྭ་ཆིན་བཞི། །མཆོད་རྟེན་གཉིས་དང་འཁོར་ ལོ་ཀྱུ། །སྦུགས་གཉིས་སྟོང་དང་ཟུང་དུ་འབྲེལ། །ཨ་ལོང་བཅུ་གཉིས་ཡོད་བ་འདི། །བདག་གི་ཐེ་ཚོམ་བཅད་བའི་ཕྱིར། །གང་ལྟར་ལགས་པ་ གསུང་དུ་གསོལ། ་ཇོ་བོ་ཨ་ཏི་ཤས་མཚོན་དོན་གསུངས་བ་ནི། ཇོ་བོའི་ཞལ་ནས་འདི་སྐད་གསུང། །མདུད་པ་གཅིག་ཏུ་ཡོད་བ་ནི། ། [002A] །ངན་སོང་སྒོ་གཅོད་མཚོན་པའི་བརྡ། །དུམ་བུ་གསུམ་དུ་ཡོད་པ་ནི། །ཚུལ་ཁྲིམས་སེམས་དང་ཤེས་རབ་སྟེ། ། བསླབ་བ་གསུམ་པོ་མཚོན་པའི་བརྡ། །བར་ཤིང་བསོམ་དུ་ཡོད་པ་ནི་།དགེ་སྐྱོང་སེམས་ནི་ཡང་ཤིང་གསོད། །གཡོ་སྒྱུ་མེད་པར་མཚོན་པའི་བརྡ། ། སྨད་ཞོགས་བདུན་དུ་ཡོད་པ་ནི། །བྱང་ཆུབ་ཡན་ལག་བདུན་པོ་མཚོན་།སྟོད་ཞོགས་བརྒྱད་དུ་ཡོད་པ་ནི། །འཕགས་ལམ་བརྒྱད་པོ་མཚོན་པའི་བརྡ།། རྭ་ཆེན་བཞི་རུ་ཡོད་པ་ནི། །འཕགས་པའི་བདེན་བཞི་མཚོན་པའི་བརྡ། །མཆོད་རྟེན་གཉིས་སུ་ཡོད་པ་ནི། །གཟུགས་སྐུ་རྣམ་གཉིས་མཚོན་པའི་བརྡ།། ཆོས་སྐུ་སྤྲོས་བྲལ་བརྗོད་ལས་འདས། །འཁོར་ལོ་འདི་ནི་བདེན་བཞི་ཡིས། །ཆོས་ཀྱི་འཁོར་ལོ་སྤྲུལ་སྐུ་ཡིས། །ཝ་ར་ཎཱ་སེར་ལྔ་སྡེ་དང། ། [002B] །ལྕགས་ཀྱུ་འདི་ནི་ཐུགས་རྗེ་ཡིས། །འགྲོ་བ་མ་ལུས་འདྲེན་པར་མཚོན། །སྟོད་སྦུབས་སྟོད་པར་ཡོད་པ་ནི། །ཆོས་བདག་རང་བཞིན་མེད་པའི་བརྡ། །སྨད་སྦུབས་ སྟོད་པར་ཡོད་པ་ནི། །གང་ཟག་བདག་མེད་མཚོན་བའི་བརྡ། །སྟོད་སྨད་ཟུང་དུ་འབྲེལ་བ་ནི། །ཐབས་དང་ཤེས་རབ་གཉིས་བོ་མཚོན་།ཨ་ལོང་བཅུ་གཉིས་ཡོད་པ་ནི། །མ་རིག་འདུ་བྱེད་རྣམ་པར་ཤེས།། མིད་གཟུགས་སྐྱེ་མཆེད་དྲུག་དང་ནི། །རེག་ཚོར་སྲེད་ལེན་སྲིད་སྐྱེ་དང། །རྒ་ཤི་དང་ནི་བཅུ་གཉིས་ཏེ། །རྟེན་འབྲེལ་བཅུ་གཉིས་མཚོན་པའི་བརྡ། །དུས་གསུམ་རྒྱལ་བ་སྲས་དང་བཅས། །ཉན་རང་འཕགས་ བའི་ཚོགས་རྣམས་ཀྱིས། །ཕྱག་འཁར་མཆོད་རྟེན་བརྡ་མཚོན་ཡིན་།མདོ་ནས་གསིལ་བྱེད་བྱ་བར་གསལ། ་མཁར་སིལ་གྱི་ཁྱད་པར་སོགས་བསྟན་པ་ནི། སླར་ཡང་ཨུ་པ་སི་ཀ་ཡིས། ། ཇོ་བོ་རྗེ་ལ་འདི་སྐད་ཞུས། །འདི་ལ་ལུགས་ནི་རྣམ་པ་དུ། །འདི་ལ་འཆད་ལུགས་ཇི་ལྟར་བགྱི། །འདི་ཐོགས་པ་ལ་ཡོན་ཏན་ཅི། །འདི་ཐོགས་གང་ཟག་སུ་ཞིག་ཡིན། །གོང་དུ་གསུངས་བ་ཁོ་ནའམ། ། འདི་འཆད་རྣམས་ཀྱི་བྱ་བ་ཅི། །འདི་ཐོགས་བསོད་སྙོམས་ཇི་ལྟར་རྒྱུ། །ཇོ་བོའི་ཞལ་ནས་འདི་སྐད་གསུང། །འདི་ལ་ལུགས་ནི་རྣམ་པ་བཞི། །འདས་པའི་ལུགས་དང་མ་འོངས་ལུགས། །ད་ལྟར་ [003A]༄༅། །ལུགས་དང་གསུམ་སྦྱང་ལུགས། །མར་མེ་མཛད་དུས་བདེན་པ་གཉིས། །ཀུན་རྫོབ་དང་ནི་དོན་དམ་སྟེ། །རྭ་ཆེན་གཉིས་ཀྱིས་མཚོན་པ་ཡིན། །འདི་ནི་འདས་པའི་སངས་རྒྱས་ ལུགས། །བྱམས་པ་མགོན་དུས་བདེན་པ་གཅིག་མྱ་ངན་འདས་པ་བདེན་གཅིག་པོ། །རྭ་ཆེན་གཅིག་གིས་མཚོན་པ་ཡིན། །འདི་ནི་མ་འོངས་སངས་རྒྱས་ལུགས། །ཤཱཀྱ་ཐུབ་དུས་བདེན་པ་བཞི། ། སྡུག་བསྔལ་ཀུན་འབྱུང་འགོག་བ་ལམ། །རྭ་ཆེན་བཞི་ཡིས་མཚོན་པ་ཡིན། །འདི་ནི་ད་ལྟར་སངས་རྒྱས་ལུགས། །གསུམ་ག་སྦྱོད་ལུགས་ཕར་ཕྱིན་དྲུག་སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། བསམ་གཏན་ཤེས་རབ་འདི་དྲུག་པོ། །རྭ་ཆེན་དྲུག་གིས་མཚོན་པ་ཡིན་།ལུགས་བཞི་འདི་ལ་མཁས་བར་གྱིས། ་མཁར་སིལ་འཆད་ཚུལ་ནི་འདི་ལ་འཆད་ལུགས་འདི་ལྟར་བགྱི། །མདུད་ ཐོགས་བཞིན་དུ་མི་བསླད་ཞིང། །དོད་ཐོགས་བཞིན་དུ་མི་སྒྱེར་རོ་།མ་ནི་བུ་གཅེས་འཛིན་པ་བཞིན། །སེམས་ཀྱི་བསླབ་པ་ཐུགས་ཁར་བཅད། །ཀུ་ཀུ་ར་ཙ་ལ་སོགས་པས། །གད་ན་འཇིགས་བ་ ཡོད་པའི་སར། །གང་ལྟར་བྱས་ཀྱང་ཉེས་པ་མེད། །བསླབ་གསུམ་ཐབས་དང་ཤེས་རབ་ནི། །ནམ་ཡང་འབྲལ་བར་མི་བྱའོ། །མཆོད་རྟེན་ཡིན་པས་གུས་པར་བཅད། །བརྡ་ཆོས་ཡིན་པས་ [003B] ་མཁར་སིལ་འཆད་བའི་ཕན་ཡོན་ནི། འདི་ཆད་ཡོན་ཏན་བསྟན་པ་འཛིན། །མི་ཁོམ་བརྒྱད་སྤངས་སྐམ་སར་གནས། །གང་ན་འདི་འཆད་ཡུལ་གྱི་དབུས། ། མཐའ་འཁོབ་རྣམས་ན་འདི་འཆད་མེད། །ཁྱིམ་པ་རྣམས་ཀྱི་སྤྱོད་ཡུལ་མིན། །ཁྱིམ་པ་རྣམས་ནི་སྡུག་བསྔལ་བ། །འདི་འཆད་རྣམས་ནི་བདེ་བ་ཡིན། །ཁྱིམ་ནས་ཕྱུང་ལ་འདི་ནི་ཆོངས། །འདོད་པ་ ཆུང་ཞིང་ཆོག་ཤེས་ལ། །རབ་ཏུ་དབེན་པ་གང་ཡིན་བ། །འདི་འཆད་བ་ཡི་གང་ཟག་ཡིན། །སྡེ་སྣོད་གསུམ་ལྡན་སུ་སྦྱོད་པ། །འདི་འཆང་བ་ཡི་གང་ཟག་ཡིན། ་ལྷུང་བཟེད་བཟུང་བ་བོ་ནི། ། གནག་ལ་ཟླུམ་པ་དྲང་སྲོང་སྣོད། །ཚང་དང་ལྡན་པ་སུ་འཆད་བ། །འདི་འཆད་བ་ཡི་གང་ཟག་ཡིན། ་ཆོས་གོས་གྱོན་པ་པོ་ནི་དུར་སྨྲིག་གྲུ་བཞི་ཕུ་དུང་མེད། །རུང་བའི་གོས་ནི་སུས་ཀྱོན་པ་ འདི་འཆད་བ་ཡི་གང་ཟག་ཡིན། །རྟག་ཏུ་བསོད་སྙོམས་ཟས་འཚོ་བ་།འདི་འཆད་བ་ཡི་གང་ཟག་ཡིན། ་ལྷུང་བཟེད་ཀྱི་ཁྱད་ཆོས་ནི་ལུད་མེད་སྣོད་ནི་འགྲིལ་སྙིང་འདོད། །བྱ་བ་མང་པོ་འོང་ རེ་སྐན། ་ཆོས་གོས་དང་བསོད་སྙོམས་ཀྱི་ཁྱད་ཆོས་ནི། གྲུ་བཞི་གོས་ནི་འབུང་སྙིང་འདོད། །བྱ་བ་མང་པོ་འོད་རེ་སྐན་།ཕོངས་བ་རྣམས་ལ་ཐུགས་བརྩེ་བས། །རྟག་ཏུ་བསོད་སྙོམས་ [004A]༄༅། །ཟས་འཚོལ་བ། །བྱ་བ་མང་པོ་འོད་རེ་སྐན། །ཕ་ཡུལ་བདུད་ཀྱི་བཙོན་ཁང་འགྱེལ། །མི་ཆོས་ལས་ཀྱི་འཆིད་ཐག་ཆད་།མཛའ་བའི་བཤེས་དང་སྡང་བའི་དགྲ། །ལས་ངན་ ཆགས་སྡང་ཡུལ་ལས་བྲོས། །ཞིང་མེད་འབྲོག་དགོན་དེ་ལ་མེད་།ནོར་ཚོལ་བཟོ་དད་གཞན་དཔོན་དང། །ཁྱེ་ཚོལ་གཡོག་ཀྱང་དེས་མི་འོང། །བྱ་བ་མང་པོ་འོད་རེ་སྐན། །མི་གྲལ་ནས་བུད་རི་དྭགས་འདྲ།། འཕྲལ་ལ་ཟས་ཚོལ་བྱ་དང་འདྲ། །ཀོག་སྟེ་ལངས་པས་གཞིས་རྫོགས་པ། །བྱ་བ་མང་པོ་འོད་རེ་སྐན། །ས་གཅིག་གནས་གཅིག་མི་བསྟེན་པ། །ཉི་ཟླ་བཞིན་དུ་ཀུན་དུ་རྒྱུ། །ཤེས་རབ་གསུམ་གྱིས་རྒྱུད་ སྤྱོད་ཞིང། །བྱ་བ་ངན་པ་མཐའ་དག་སྤོང། །ཤཱཀྱ་སེང་གེའི་རྣམ་ཐར་ལ། །བྱ་བ་མང་པོ་འོད་རེ་སྐན། །རང་དགའ་མ་ཡིན་མདོ་རྣམས་ལྟོས། །ཞིབ་པར་ཡོད་ཀྱིས་དོན་གཉེར་མཛོད། །བྱ་བ་མེད་པར་ཐར་ ལམ་གནས། །རྣམ་མཁྱེན་གོ་འཕང་བརྩོན་པས་བགྲོད། ་མཁར་སིལ་ཐོགས་པས་ཁྱིམ་དུ་བྱོན་ཆོ་ཇི་ལྟར་བྱ་ཚུལ་ནི། འདི་ཐོགས་བསོད་སྙོམས་རྒྱུ་བའི་ཚེ། །ཁྱིམ་པ་རྣམས་ཀྱི་སྒོ་དྲུང་དུ། ། ངན་སོང་སྒོ་གཅོད་རྒྱ་མདུད་ཀྱིས། །ངན་སོང་སྒོ་གཅོད་མཚོན་པའི་ཕྱིར། །མ་ཐེམ་ལ་ནི་ལན་གསུམ་དུ། །དུས་གསུམ་ལན་གསུམ་བརྡུང་བར་བྱ། །དེ་བཞིན་ཡ་ཐེམ་ལོངས་སྐུ་ཡིས། །ཆོས་ [004B] །མི་མཐུན་སྤང་བྱ་དེ་ཡང་བརྡུང། །བར་དུ་རྟེན་འབྲེལ་བཅུ་གཉིས་སྒྲ། །ཁྱིམ་བ་རྣམས་ལ་སིལ་ལི་ལི། །སྒྲ་དང་ལྡན་པས་བསྒྲག་པར་བྱ། །འོ་དོད་རྒྱང་བོས་མི་བྱ་ཞིང། །མི་དང་སྤྱོད་པ་ རྣམས་སྤང་སྟེ། །བག་ཡོད་སྤྱོད་པས་ལེགས་གནས་ལ། །སྙན་པའི་ཚིག་གིས་སྒྲོལ་བར་བྱ། །འཚོ་བ་མི་རུང་མ་གཏོགས་པ། །དམན་ཡང་གང་ཕུལ་བླང་བར་བྱ། །བཟང་ངན་ཆགས་སྡད་རྣམས་སྤང་སྟེ། །དགེ་རྩ་ བསྔོ་ཞིང་སྨོན་ལམ་བཏབ། །དམན་ཆ་བླངས་ལ་མཐོ་ས་བསྐྱངས། །རྟག་ཏུ་བསོད་སྙོམས་དོན་ཡོད་རྒྱུ། །ཐུབ་པའི་རྣམ་ཐར་མི་ནུབ་བཟུང། །ལུང་དང་མཐུན་པར་རིགས་པས་སྡེབས། །དེ་བསྟེན་སྐུ་གསུམ་ མཉེས་པར་ཤོག། །།འདིས་ཀྱང་བསྟན་འགྲོ་ཡོངས་ལ་ཕན་ཐོགས་འབྱུང་བར་གྱུར་ཅིག། །།མངྒ་ལཾ།། །། ་པར་ཡིག་བ་དགེ་སློང་དཔལ་འབྱོར་རབ་བརྟན་ནོ།། །།